དང་པོ། སློབ་ཁྲིད་ནང་དོན།
རི་བོ་སྤྱང་སོའི་སྟེང་གི་དཔའ་དམག་ལྔ།
གཉིས་པ། སློབ་ཁྲིད་ཀྱི་དམིགས་ཡུལ་དང་རེ་བ།
༡སློབ་ཚན་སྒྲ་དག་ཅིང་འབྲུ་གསལ་ལ། ཚིག་གི་གཅོད་མཚམས་འགྲིག་པའི་སྒོ་ནས་ཀློག་ཐུབ་པ་དགོས།
༢ཐ་སྙད་གསར་པ་དང་མིང་ཚིག་གི་གོ་དོན་ལ་བསམ་གཞིག་དང་། འབྲི་ཀློག་དོན་གསུམ་ལ་བྱང་བ་མ་ཟད་བཀོལ་སྤྱོད་ཐུབ་པ་དགོས།
༣ སློབ་ཚན་ཁྲོད་ཀྱི་གཙོ་གནད་ཀྱི་ཚིག་དུམ་རྣམས་ཡང་ཡང་ཀློག་པ་དང་འབྲེལ་འཐབ་འཛིང་པ་ལྔ་པོའི་དཔའ་ཉམས་ཚོར་ཐུབ་པ་དགོས།
༤ སློབ་ཚན་ཁྲོད་ཀྱི་མི་སྣ་འབྲི་ཐབས་ལ་སློབ་སྦྱོང་གང་ལེགས་བྱས་ཏེ། རང་གི་རྩོམ་ཡིག་འབྲི་སྦྱོང་ཁྲོད་དུ་སྤྱོད་ཐུབ་པ་དགོས།
༥སློབ་ཚན་དེ་སློབ་སྦྱོང་བྱས་པ་བརྒྱུད། སློབ་མ་རྣམས་ཏང་དང་རྒྱལ་ཁབ། མི་དམངས་བཅས་ལ་དགའ་ཞེན་གྱི་འདུན་པ་གསོ་སྐྱོང་ཐུབ་པ་བྱེད་དགོས། ལྷག་པར་དུ་ང་ཚོའི་མིག་མདུན་གྱི་བདེ་ཞིང་སྐྱིད་པའི་འཚོ་བ་འདི་ནི་སྔོན་གཤེགས་གསར་བརྗེའི་དཔའ་བོ་གང་མང་གིས་རང་སྲོག་བློས་བཏང་ནས་བྱུང་བ་ཞིག་ཡིན་པས། གཅིག་ནས་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་དགོས་པ་དང་།། ་གཉིས་ནས་སྔོན་གཤེགས་དཔའ་བོ་
རྣམས་ལ་གོང་བཀུར་དང་ནམ་ཡང་རྗེས་དྲན་བྱེད་ཐུབ་པ་དགོས།
གསུམ་པ། སློབ་ཁྲིད་ཀྱི་གཙོ་གནད་དང་དཀའ་གནད།
༡སློབ་ཕྲུག་ཚོས་སློབ་ཚན་ཧྲིལ་པོ་སྒྲ་དག་ཅིང་ཉམས་འགྱུར་ལྡན་པའི་སྒོ་ནས་ཀློག་ཐུབ་པའི་རྨང་གཞིའི་ཐོག་སློབ་ཚན་ནང་གི་གོ་དཀའ་བའི་མིང་བརྡ་གསར་པ་དག་དོན་དང་རྩོམ་ཡིག་ནང་གི་ཚིགས་མཚར་དང་གཙོ་ཚིག་དག་ལ་གོ་བ་ཡག་པོ་བླངས་ནས་རྩོམ་གྱི་ནང་དོན་ཧྲིལ་པོ་རྟོགས་རྒྱུ།
༢སློབ་ཚན་ཁྲོད་ཀྱི་མི་སྣ་འབྲི་ཐབས་ལ་སློབ་སྦྱོང་གང་ལེགས་བྱས་ཏེ། རང་གི་རྩོམ་ཡིག་འབྲི་སྦྱོང་ཁྲོད་དུ་སྤྱོད་ཐུབ་པ་དགོས་ལ་སློབ་མ་རྣམས་ཏང་དང་རྒྱལ་ཁབ། མི་དམངས་བཅས་ལ་དགའ་ཞེན་གྱི་འདུན་པ་གསོ་སྐྱོང་ཐུབ་པ་བྱེད་དགོས། ལྷག་པར་དུ་ང་ཚོའི་མིག་མདུན་གྱི་བདེ་ཞིང་སྐྱིད་པའི་འཚོ་བ་འདི་ནི་སྔོན་གཤེགས་གསར་བརྗེའི་དཔའ་བོ་གང་མང་གིས་རང་སྲོག་བློས་བཏང་ནས་བྱུང་བ་ཞིག་ཡིན་པས། གཅིག་ནས་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་དགོས་པ་དང་།གཉིས་ནས་སྔོན་གཤེགས་དཔའ་བོ་རྣམས་ལ་གོང་བཀུར་དང་ནམ་ཡང་རྗེས་དྲན་བྱེད་ཐུབ་པ་དགོས།
བཞི་པ། སློབ་ཁྲིད་དུས་ཚོད།
ལྔ་པ། སློབ་ཁྲིད་ཀྱི་ཡོ་བྱད།
ཁྲིད་ཟིན། སྨྱན་ཆས། པར་རིས།
དྲུག་པ། སློབ་ཁྲིད་ཀྱི་བརྒྱུད་རིམ།
༡བསྐྱར་སྦྱོང་།
སློབ་དུས་གོང་མར་བསླབ་ཟིན་པའི་མི་སྣ་འབྲི་ཐབས་ཀྱི་སློབ་ཚན་གྱི་ནང་དོན་བསྐྱར་སྦྱོང་བྱས་ནས་སློབ་མར་བཤད་དུ་བཅུག་རྒྱུ།
༢གསར་འདྲེན།
སློབ་མར་རང་ཉིད་ཤེས་པའི་སྔོན་གཤེགས་དཔའ་བོ་མིང་དང་དེའི་མཛད་རྗེས་གང་དག་ཡོད་པ་བཤད་དུ་བཅུག་ནས་སློབ་ཚན་གསར་འདྲེན་བྱ་རྒྱུ།
༣གསར་ཁྲིད།
སློབ་མ་རང་ཉིད་ལ་སློབ་ཚན་དེ་འགོ་ནས་མཇུག་བར་བལྟ་ཀློག་ཐེངས་གཅིག་བྱ་རྒྱུ། ཐོག་མའི་བལྟ་ཀློག་གྲུབ་རྗེས་དགེ་རྒན་གྱིས་སློབ་མའི་གྱེར་ཀློག་ཐད་ཀྱི་གནད་དོན་ལ་ཁྲིད་སྟོན་དང་དཔེ་སྟོན་བྱས་ནས་སློབ་ཚན་ཧྲིལ་པོ་ཀློག་སྦྱོང་བྱ་རྒྱུ།།
དགེ་རྒན་ནས་ཚོགས་ཆུང་དབར་དང་སློབ་མ་སྒེར་དབར་ཀློག་ལྟ་འགྲན་སྡུར་གྱི་བྱེད་སྒོ་སྤེལ་ནས་སློབ་
མའི་ཀློག་ནུས་ལ་ཚད་ལེན་བྱ་རྒྱུ།
སློབ་ཚན་དབྱེ་ཞིབ།
ཁག་དང་པོའི་རང་གྲུབ་དུམ་མཚམས་དང་པོའི་ནང་། བརྒྱ་ཤོག་བདུན་པའི་བཅུ་ཤོག་དྲུག་པས་མང་ཚོགས་དང་བརྒྱ་ཤོག་རུ་དཔུང་གནས་སྤོ་བར་འགེབས་སྲུང་བྱེད་པའི་ལས་འགན་ཕྲག་ཏུ་བླངས་པ་བརྗོད་ཡོད།
དེ་ཡང་༡༩༤༡ལོའི་སྟོན་ཁ་ནི་གཏམ་རྒྱུད་བྱུང་བའི་དུས་ཚོད་དང་། ས་ཆ་ནི་ཅིན་ཁྲ་ཅི་གནས་གཞི་ས་ཁུལ། ལྗར་པན་འདྲེ་དམག་གིས་དམག་ཤུགས་གཅིག་བསྡུས་ཀྱིས་རི་བོ་སྤྱང་སོའི་རྒྱུད་དུ་བཙན་འཛུལ་ཤུགས་ཆེན་བྱས་པ་ནི་སྐབས་དེའི་གནས་ཚལ་འབྱུང་རྐྱེན་ཡིན། སྐབས་དེར་བརྒྱ་ཤོག་བདུན་པས་རི་བོ་སྤྱང་སོའི་རྒྱུད་དུ་དགྲ་དམག་དང་ཟླ་བ་གཅིག་ཙམ་རིང་དམག་འཐབ་བྱས་མཐར། གནས་དེ་ནས་ཀླུ་རྒྱལ་ལྷ་ཁང་གི་ཕྱོགས་སུ་སྤོ་དགོས་པ་བྱུང་། དེ་ལྟར་དགྲ་དམག་གི་དཔུང་ཤུགས་ཧ་ཅང་དྲག་པོའི་འོག་ཏུ། མང་ཚོགས་དང་བརྒྱ་ཤོག་རུ་དཔུང་གནས་སྤོ་བར་འགེབས་སྲུང་བྱེད་པའི་ལས་འགན་ལྕི་པོ་དེ་འཐབ་འཛིང་པ་ལྔ་ལས་མེད་པའི་བཅུ་ཤོག་དྲུག་པས་ཁུར་དུ་བླངས་པ་བརྗོད་དེ། གཏམ་རྒྱུད་ཀྱི་དུས་ཚོད་དང་། ས་ཆ། འབྱུང་རྐྱེན། རྒྱབ་ལྗོངས་བཅས་གསལ་བར་བསྟན་ནས་གཏམ་རྒྱུད་ཀྱི་རྨང་བཏིང་ཡོད།
ཁག་གཉིས་པ་རང་གྲུབ་དུམ་མཚམས་གཉིས་པབཅུ་ཤོག་དྲུག་པའི་འཐབ་འཛིང་པ་ལྔ་པོས་དགྲ་དམག་རྣམས་ཆེད་མངགས་རི་བོ་སྤྱང་སོའི་ཕྱོགས་སུ་བསླུ་ཁྲིད་བྱས་ཏེ་དགྲ་བོ་ཚར་བཅད་ཚུལ་གྱི་བརྒྱུད་རིམ་གསལ་བར་བརྗོད་ཡོད།
དེ་ཡང་མང་ཚོགས་དང་བརྒྱ་ཤོག་རུ་དཔུང་བདེ་བླག་ངང་གནས་སྤོ་བར་འབས།སྲུང་བྱེད་པ་དང་། དགྲ་དམག་གི་དུས་ཚོད་འགོར་འགྱངས་ཡོང་ཕྱིར། ཕྱོགས་གཅིག་ནས་རྗེས་འདེད་གཏོང་མཁན་གྱི་དགྲ་བོར་རྡུང་རྡེག་གཏོང་བ་དང་།ཕྱོགས་གཞན་ཞིག་ནས་དགྲ་དམག་རྣམས་ཆེད་མངགས་རི་བོ་སྤྱང་སོའི་ཕྱགས་སུ་བསུ་ཁྲིད་བྱེད་ཞོར། ཁོ་ཚོས་བཙན་ས་ཞིག་བཟུང་སྟེ་ཡར་འཛེག་ཡོང་མཁན་དགྲ་བོ་མི་ཉུང་བ་ཞིག་སྔ་རྗེས་སུ་ཚར་བཅད་ཅེས་འཐབ་འཛིང་པ་ལྔ་པོས་དགྲ་དམག་དང་འཐབ་འཛིང་བྱས་ཚུལ་སྤྱི་ཙམ་བརྗོད་ཡོད། དེའི་རྗེས་ཀྱི་ཚིག་དུམ་རྣམས་ནི་བྱེ་བྲག་གི་དོན་ཡིན་ཏེ། ཐོག་མར་བཅུ་དཔོན་པའོ་ཡུས་ཀྱིས་དམག་འཐབ་ལ་བཀོད་འདོམས་བྱེད་པ་དང་། དགྲ་བོ་ཉེ་སར་བཅར་རྗེས་གཞི་ནས་མེ་མདའ་རྒྱག་དགོས་པའི་བཀའ་གཏོང་བ། བཅུ་དཔོན་གཞོན་པ་ཀེ།
ཀྲེན་ལིན་གྱིས་མེ་མདའ་རྒྱག་ཐེངས་རེར་ངར་སྐད་སྒྲོག་པ། འཐབ་འཛིང་པ་སུང་ཞུའེ་དབྱི་ཡིས་ལག་འབོམ་གཡུགས་པ། ན་གཞོན་འཐབ་འཛིང་པ་ཧུའུ་ཏེ་ལིན་དང་ཧུའུ་ཚའེ་གཉིས་ཀྱིས་དགྲ་བོར་མེ་མདའ་རྒྱག་པ་སོགས་ཀྱི་བརྒྱུད་རིམ་བྲིས་པ་ལ་བརྟེན་ནས། འཐབ་འཛིང་པ་ལྔ་པོའི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དང་འཐབ་རྩལ་མངོན་པར་མཚོན་ཡོད།
ཁག་གསུམ་པ་རང་གྲུབ་དུམ་མཚམས་གསུམ་པ། འཐབ་འཛིང་པ་ལྔ་པོས་གོང་རིམ་ནས་སྤྲད་པའི་ལས་འགན་ལེགས་འགྲུབ་ཡོང་བ་དང་།། ་དགྲ་བོས་བརྒྱ་ཤོག་རུ་དཔུང་གི་རྗེས་མི་ཟིན་པ་བཟོ་ཕྱིར། ་ཁོ་ཚོས་དགྲ་བོ་རི་བོ་སྤྱང་སོའི་རྩེ་མོ་ཆི་ཕན་ཐའོ་ཡི་ཕྱོགས་སུ་འཁྲིད་རྒྱུའི་བློ་ཐག་བཅད་པའི་སྐོར་བརྗོད་ཡོད།དེ་ཡང་འཐབ་འཛིང་པ་ལྔ་པོས་མང་ཚོགས་དང་བརྒྱ་ཤོག་རུ་དཔུང་གནས་སྤོ་བར་འགེབས་སྲུང་བྱེད་པའི་ལས་འགན་དེ་རྒྱལ་ཁའི་ངང་ལེགས་འགྲུབ་བྱས། ཡིན་ནའང་གནས་སྤོ་རྩིས་བྱེད་སྐབས་ཁོ་ཚོའི་མདུན་དུ་བགྲོད་ལམ་གཉིས་མ་གཏོགས་གདམ་གསེས་བྱེད་དབང་མེད་དེགཅིག་ནི་རང་དམག་གི་རྗེས་ཟིན་པར་བྱེད་པ། གཅིག་ཤོས་ནི་དགྲ་དམག་རི་བོ་སྤྱང་སོའི་རྩེ་མོ་ཆི་ཕན་ཐའོ་ཡི་ཕྱོགས་སུ་བསླུ་ཁྲིད་བྱ་རྒྱུ་དེ་ཡིན། ལམ་དང་པོ་བདམས་ཚེ་དགྲ་བོས་རང་དམག་ལ་ཚ་འདེད་གཏོང་ཉེན་ཆེ་བ་ཡིན། གནས་བབ།དེ་འདྲའི་འོག་ཏུ་འཐབ་འཛིང་པ་ལྔ་པོས་བཅུ་དཔོན་མཱ་པའོ་ཡུས་ཀྱིས་ཐག་བཅད་པ་ལྟར་ཆི་ཕན་ཐའོ་ཡི་ཕྱོགས་སུ་བསྐྱོད། དེ་ནི་འཆི་ལམ་ཉག་གཅིག་ཡིན་པ་ཤེས་བཞིན་དུ་ལམ་དེ་བདམས་པ་ལས། འཐབ་འཛིང་པ་ལྔ་པོར་ཏང་དང་མི་དམངས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་ཕོད་པའི་སྙིང་སྟོབས་ལྡན་པ་མཚོན་ཡོད།
ཁག་བཞི་པ་རང་གྲུབ་དམ་མཚམས་བཞི་པ་དང་ལྔ་པ།འཐབ་འཛིང་པ་ལྔ་པོས་དགྲ་དམག་རི་བོ་སྤྱང་སོའི་རྩེ་རུ་ཁྲིད་པ་དང་།རི་རྩེ་བཟུང་ནས་དགྲ་དམག་དང་།འཐབ་འཛིང་དྲུག་པོ་བྱས་པའི་སྐོར་བརྗོད་ཡོད།དེ་ཡང་རང་གྲུབ་དུམ་མཚམས་འདི་གཉིས་ཀྱི་ནང་དུ། དཔའ་དམག་ལྔ་པོས་རི་རྩེར་སྐྱོད་ཀྱིན་དུ་དགྲ་དམག་དང་འཐབ་འཛིང་ཇི་ལྟར་བྱས་ཚུལ་བྲིས་ཏེ། འཐབ་འཛིང་པ་ལྔ་པོས་དགྲ་བོ་དེ་མ་ཉིད་དུ་ཚར་གཅོད་འདོད་པའི་ཆོད་སེམས་དང་།ཀྲུང་གོ་མི་དམངས་ཀྱིས་དགྲ་བོར་འཁོན་སེམས་ཚད་མེད་འཆང་བཞིན་པ་མཚོན་ཡོད།ཁག་ལྔ་པ་རང་གྲུབ་དུམ་མཚམས་དྲུག་པ་དང་བདུན་པ། དཔའ་དམག་ལྔ་པོས་དགྲ་དམག་དང་འཐབ་འཛིང་དྲག་པོ་བྱས་ཏེ། གཅིག་ནས་བརྒྱ་ཤོག་རུ་དཔུང་གནས་སྤོ་བར་འགེབས་སྲུང་དང་། གཉིས་ནས་དགྲ་དམག་རི་རྩེར་བསླུ་ཁྲིད་བྱས་མཐར་ལས་འགན་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བ། མཐར་དཔའ་ངར་ཞུམ་མེད་ཀྱིས་གཡང་ལ་མཆོངས་ནས་རང་སྲོག་བློས་བཏང་བའི་སྐོར་བརྗོད་ཡོད།དེ་ཡང་དཔའ་དམག་ལྔ་པོ་འཆི་ལམ་ལ་དེད་ནའང་བཞིན་རས་ལས་རྒྱལ་ཁའི་འཛུམ་མདངས་མངོན་ཡོད་ལ། དགྲ་དམག་ལ་མགོ་སྒུར་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་དཔའ་ཉམས་དང་ངར་ཤུགས་ཆེན་པོས་ལྗར་པན་བཙན་རྒྱལ་རིང་ལུགས་གཏོར་ཕམ་གཏོང་དགོས་ཞེས་པའི་འབོད་སྒྲ་བསྒྲགས་པ་ལས། དཔའ་དམག་ལྔ་པོས་ལྗར་པན་བཙན་རྒྱལ་རིང་ལུགས་ལ་བཅངས་པའི་སྡང་སེམས་མངོན་པར་མཚོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པ་ཤོག་པ་ཅེས་པའི་འབོད་སྒྲ་བསྒྲགས་པ་ལས་དམག་ལྔ་པོས་ཏང་དང་རྒྱལ་ཁབ། ཀྲུང་གོ་མི་དམངས་བཅས་ལ་བཅངས་པའི་དུང་བ་ཟབ་མོ་མངོན་པར་མཚོན་ཡོད་ལ། རང་གྲུབ་དུམ་མཚམས་མཇུག་མར། ཀྲུང་གོ་མི་དམངས་ཀྱིས་ལྗར་འགོག་དམག་འཁྲུག་མཐའ་འཁྱོལ་བར་བྱེད་པའི་ཆོད་སེམས་བརྟན་པོ་དང་།ཏང་དང་རྒྱལ་ཁབ། མི་དམངས་ཀྱི་དོན་དུ་རང་སྲོག་བློས་གཏོང་ཕོད་པའི་སྙིང་སྟོབས་བརྟན་པོ་ཡོད་པར་བསྟོད་བསྔགས་བཏང་ཡོད།
སྲ་བརྟན།
གཤམ་གྱི་དྲི་བར་ལན་འདེབས་སུ་བཅུག་རྒྱུ།
༡བརྒྱ་ཤོག་བདུན་པའི་བཅུ་ཤོག་དྲུག་པས་མང་ཚོགས་དང་བརྒྱ་ཤོག་རུ་དཔུང་གང་བྱེད་པའི་ལས་འགན་ཕྲག་ཏུ་བླངས་ཡོད།
༢བཅུ་ཤོག་དྲུག་པའི་འཐབ་འཛིང་པ་ལྔ་པོས་དགྲ་དམག་རྣམས་ཆེད་མངགས་གང་གི་ཕྱོགས་སུ་བསླུ་ཁྲིད་བྱས་ཡོད།
༣སློབ་ཚན་འདིའི་ནང་གཙོ་བོ་གང་ཞིག་བརྗོད་ཡོད་པ་སློབ་མར་བཤད་དུ་བཅུག་རྒྱུ་དང་ནོར་བར་དགེ་རྒན་ནས་བཅོས་རྒྱུ།
སྦྱོང་ཚན་བཀོད་སྒྲིག།
༡སློབ་ཚན་རྗེས་ཀྱི་སྦྱང་གཞི་ལེགས་གྲུབ་བྱ་རྒྱུ།
༢སློབ་ཚན་འདིའི་ནང་དོན་དང་འབྲེལ་བའི་སྦྱངས་གཞི་ལྷན་ཐབས།
༣སློབ་མར་གཤམ་གྱི་སྟོང་ཆ་སློབ་ཚན་དང་འགྲེལ་ནས་སྟོང་འཇུག་བྱ་རྒྱུ།
ལས་འགན་དང་ལེན་བྱས་པ་།
གྲོག་རོང་དུ་མཆོངས།
ནག་པང་འཆར་བཀོད།
ལྡོག་དྲན།